Loading...
December 4, 2020 6:48 am Back to Home
JOB ANNOUNCEMENT
The Dalai Lama Trust invites applications for the posts of a Librarian and an Assistant Librarian, 4 Data Maintainers/Data Entry Clerks, an Archivist, and an Award Manager in the Library and Archive of Collected Works of His Holiness the 14th Dalai Lama on contractual basis.
Job Description:
Qualifications:
Documents Required:
Remuneration & Benefits:
Test:
Job Description:
Qualifications:
Documents Required:
Remuneration & Benefits:
Test:
Job Description:
Qualifications:
Documents Required:
Remuneration & Benefits:
Test:
Job Description:
Qualifications:
Documents Required:
Remuneration & Benefits:
Test:
Job Description:
Qualifications:
Documents Required:
Remuneration & Benefits:
Test:
How to Apply:
Interested applicants can send their application along with other necessary documents via email to scholarship@dalailama.com or post the original documents to the address given below
Application Deadline: September 30, 2020
Send application and required documents to:
The Secretary
The Dalai Lama Trust
Theckchen Choeling
Mcleod Ganj-176219
Distt. Kangra
H.P.
ལས་བྱེད་གསར་འདེམས་གསལ་བསྒྲགས།
༄༅། ། དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཁྱབ་ཁོངས་ཏཱ་ལའི་བླ་མའི་དགེ་རྩའི་ལས་གཞི་༼སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་འབུམ་དཔེ་མཛོད་དང་། ཡིག་མཛོད་བསྟི་གནས་ཁང་༽དུ་དཔེ་མཛོད་དོ་དམ་པ་གཅིག་དང་ལས་རོགས་གཅིག གྲངས་མཛོད་དཀར་ཆག་ནང་འཇུག་བྱེད་མཁན་བཞི། ཡིག་ཚགས་བདག་གཉེར་བ་གཅིག གཟེངས་རྟགས་དོ་དམ་པ་གཅིག་བཅས་ཆོད་གན་ལས་བྱེད་དུ་བསྐོ་གཞག་ཞུ་རྒྱུ་ལགས་ན། གཤམ་གསལ་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་ཞབས་ཞུ་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
དང་པོ། དཔེ་མཛོད་དོ་དམ་པ་གཅིག
ཀ༽ ལས་འགན།
གསུང་འབུམ་དཔེ་མཛོད་ཁང་འཛིན་སྐྱོང་གི་གཙོ་འགན་བཞེས་རྒྱུའི་ཐོག ༸གོང་ས་མཆོག་གི་གསུང་འབུམ་དང་གསུང་རྩོམ་སྐད་ཡིག་འདྲ་མིན་ཐོག་ཡོད་པ་ཡོངས་རྫོགས་དང་། ༸གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ཀྱི་སྐོར་རྩོམ་པ་པོ་གཞན་གྱིས་སྐད་ཡིག་འདྲ་མིན་ནང་བྲིས་པའི་ཕྱག་དེབ་ཁག ༸གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ཁག དེ་བཞིན་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ཁག་བསྡུ་རུབ་དང་། དཀར་ཆག་འགོད་སྒྲིག བདག་གཉེར་དང་ཁ་གསབ། དཔེ་ཀློག་ཁང་དང་། འཕྲུལ་དེབ་ཀློག་ཁང་གི་འཛིན་སྐྱོང་དང་འབྲེལ་བའི་སྐབས་འཕྲལ་ལས་དོན་ཇི་མཆིས་རིགས་གནང་རྒྱུ།
ཁ༽ འོས་ཆོས་ཆ་རྐྱེན།
༡། ཉུང་མཐར་ཚད་ལྡན་མཐོ་སློབ་ཁང་ཞིག་ནས་དཔེ་མཛོད་ཚན་རིག་རབ་འབྱམས་པའི་ (Bachelor of Library Science) སློབ་ཐོན་ལག་འཁྱེར་ཡོད་ཐོག ལོ་གསུམ་གྱི་དཔེ་མཛོད་དོ་དམ་པའི་ལས་ཀའི་ཉམས་མྱོང་ཡོད་པ།
༢༽ དབྱིན་བོད་སྐད་ཡིག་རང་སྐྱ་འཕེར་བ།
༣། གློག་ཀླད་ཀྱི་ཤེས་ཚད་གང་ལེགས་ཡོད་པ།
༤། ཁྲིམས་ཐོག་ནས་ནག་ཉེས་རིགས་མེད་པ།
ག༽ དགོས་ངེས་ཡིག་ཆ།
༡།ཞུ་སྙན་དང་སོ་སོའི་ངོ་སྤྲོད་སྙིང་བསྡུས།
༢། དག་མཆན་འཁོད་པའི་སློབ་ཐོན་ལག་འཁྱེར་དང་། ཤེས་ཚད་ལག་འཁྱེར་ཨང་ཤོག་ (Degree Certificate & Marks Sheet) བཅས་ཀྱི་ངོ་བཤུས།
༣། སྤྱི་སྒེར་སྡེ་ཚན་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ། སྡེ་ཚན་དེའི་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
༤། ཚད་ལྡན་རྒྱ་བོད་སྨན་ཁང་གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།
༥། བོད་རིགས་ཡིན་ཚེ་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས་དག་མཆན་འཁོད་པ།
ང༽ ཕོགས་རིམ།
༡། ཟླ་རེར་གླ་ཕོགས་ཧིན་སྒོར་ ༡༨༠༠༠།༠༠ ཐམ་པ་རེ་འཐོབ་རྒྱུ།
༢། ཁང་དོད་དང་སྨད་དོད་སོགས་སྒྲིག་གསལ་ལྟར་འཐོབ་རྒྱུ།
ཅ༽ རྒྱུགས་གཞི།
ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ།
གཉིས་པ། དཔེ་མཛོད་དོ་དམ་པའི་ཕྱག་རོགས།
ཀ༽ ལས་འགན།
༸གོང་ས་མཆོག་གི་གསུང་འབུམ་དང་གསུང་རྩོམ་སྐད་ཡིག་འདྲ་མིན་ཐོག་ཡོད་པ་ཡོངས་རྫོགས་དང་། ༸གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ཀྱི་སྐོར་རྩོམ་པ་པོ་གཞན་གྱིས་སྐད་ཡིག་འདྲ་མིན་ཐོག་བྲིས་པའི་ཕྱག་དེབ་ཁག ༸གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ཁག། དེ་བཞིན་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ཁག་བསྡུ་རུབ་དང་། དཀར་ཆག་འགོད་སྒྲིག བདག་གཉེར་དང་ཁ་གསབ། དཔེ་ཀློག་ཁང་དང་། འཕྲུལ་དེབ་ཀློག་ཁང་བཅས་དང་འབྲེལ་བའི་སྐབས་འཕྲལ་ལས་དོན་ཆེ་ཆུང་ཇི་མཆིས་རིགས་དང་། དེ་མིན་དཔེ་མཛོད་དོ་དམ་པའི་རྒྱུན་ལྡན་ལས་སྒོ་ཇི་མངགས་ལྟར་གནང་རྒྱུ།
ཁ༽ འོས་ཆོས་ཆ་རྐྱེན།
༡། ཉུར་མཐར་ཚད་ལྡན་མཐོ་སློབ་ཁང་ཞིག་ནས་དཔེ་མཛོད་ཚན་རིག་རབ་འབྱམས་པའི་ (Bachelor of Library Science) སློབ་ཐོན་ལག་འཁྱེར་ཡོད་པ།
༢། དབྱིན་བོད་སྐད་ཡིག་རང་སྐྱ་འཕེར་བ།
༣། གློག་ཀླད་ཀྱི་ཤེས་ཚད་གང་ལེགས་ཡོད་པ།
༤། ཁྲིམས་ཐོག་ནས་ནག་ཉེས་རིགས་མེད་པ།
ག༽ དགོས་ངེས་ཡིག་ཆ།
༡།ཞུ་སྙན་དང་སོ་སོའི་ངོ་སྤྲོད་སྙིང་བསྡུས།
༢། དག་མཆན་འཁོད་པའི་སློབ་ཐོན་ལག་འཁྱེར་དང་། ཤེས་ཚད་ལག་འཁྱེར་ཨང་ཤོག་ (Degree Certificate & Marks Sheet) བཅས་ཀྱི་ངོ་བཤུས།
༣། སྤྱི་སྒེར་སྡེ་ཚན་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ། སྡེ་ཚན་དེའི་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
༤། ཚད་ལྡན་རྒྱ་བོད་སྨན་ཁང་གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།
༥། བོད་རིགས་ཡིན་ཚེ་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས་དག་མཆན་འཁོད་པ།
ང༽ ཕོགས་རིམ།
༡། ཟླ་རེར་གླ་ཕོགས་ཧིན་སྒོར་ ༡༧༥༠༠།༠༠ ཐམ་པ་རེ་འཐོབ་རྒྱུ།
༢། ཁང་དོད་དང་སྨན་དོད་སོགས་སྒྲིག་གསལ་ལྟར་འཐོབ་རྒྱུ།
ཅ༽ རྒྱུགས་གཞི།
ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ།
གསུམ་པ། གྲངས་མཛོད་དཀར་ཆག་ནང་འཇུག་བྱེད་མཁན་གྲངས་བཞི།
ཀ༽ ལས་འགན།
ཤོག་ཐོག་ཏུ་བཞུགས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཡོད་དོ་ཅོག་དང་། དགའ་ལྡན་ཕོ་བྲང་གི་ཡིག་ཆ་བཅས་གནས་བསྡུས་རེའུ་མིག་ (Database) དཀར་ཆག་ཁོངས་སུ་ཆད་ལུས་མེད་པར་ནང་འཇུག་ཉར་ཚགས་དང། དུས་ནས་དུས་སུ་ཁ་གསབ་བྱ་རྒྱུ།
ཁ༽ འོས་ཆོས་ཆ་རྐྱེན།
༡། ཚད་ལྡན་མཐོ་སློབ་ཁང་ཞིག་ནས་གློད་ཀླད་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BCA) ཐོན་པའམ་དེ་དང་ཚད་མཉམ་གྱི་ཚད་ལྡན་ལག་འཁྱེར་ཡོད་པ་ཞིག་དགོས།
༢། དབྱིན་བོད་གཉིས་ཀྱི་ཤེས་ཚད་རང་སྐྱ་འཕེར་བ།
༣། གློག་ཀླད་ཀྱི་ཤེས་ཚད་གང་ལེགས་ཡོད་པ།
༤། ཁྲིམས་ཐོག་ནས་ནག་ཉེས་རིགས་མེད་པ།
ག༽ དགོས་ངེས་ཡིག་ཆ།
༡།ཞུ་སྙན་དང་སོ་སོའི་ངོ་སྤྲོད་སྙིང་བསྡུས།
༢། དག་མཆན་འཁོད་པའི་སློབ་ཐོན་ལག་འཁྱེར་དང་། ཤེས་ཚད་ལག་འཁྱེར་ཨང་ཤོག་ (Degree Certificate & Marks Sheet) བཅས་ཀྱི་ངོ་བཤུས།
༣། སྤྱི་སྒེར་སྡེ་ཚན་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ། སྡེ་ཚན་དེའི་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
༤། ཚད་ལྡན་རྒྱ་བོད་སྨན་ཁང་གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།
༥། བོད་རིགས་ཡིན་ཚེ་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས་དག་མཆན་འཁོད་པ།
ང༽ ཕོགས་རིམ།
༡། གློག་ཀླད་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་(BCA)སློབ་ཐོན་པའི་ལག་འཁྱེར་ཡོད་མཁན་ལ་ཟླ་རེར་གླ་ཕོགས་ཧིན་སྒོར་ ༡༨༠༠༠།༠༠ ཐམ་པ་རེ་འཐོབ་རྒྱུ་དང། དེ་དང་ཚད་མཉམ་གྱི་སློབ་ཐོན་པ་ཡིན་ཚེ་ཟླ་རེར་གླ་ཕོགས་ཧིན་སྒོར་ ༡༧༥༠༠།༠༠ རེ་འཐོབ་རྒྱུ།
༢། ཁང་དོད་དང་སྨན་དོད་སོགས་སྒྲིག་གསལ་ལྟར་འཐོབ་རྒྱུ།
ང༽ རྒྱུགས་གཞི།
ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ།
བཞི་པ། ཡིག་ཚགས་བདག་གཉེར་བ་གྲངས་གཅིག།
ཀ༽ ལས་འགན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་འབུམ་དཔེ་མཛོད་དང་། ཡིག་མཛོད་བསྟི་གནས་ཁང་གི་ཡིག་ཚགས་དང་དངོས་རྫས་ཇི་ཡོད་དེང་དུས་ཚན་རིག་དང་མཐུན་པར་དོ་དམ་བདག་གཉེར་དང་། སླར་གསོ་ཉར་ཚགས་བྱེད་རྒྱུ།
ཁ༽ འོས་ཆོས་ཆ་རྐྱེན།
༡། ཚད་ལྡན་མཐོ་སློབ་ཁང་ཞིག་ནས་ཡིག་ཚགས་བདག་གཉེར་གྱི་ཉམས་མྱོང་དང་སློབ་སྦྱོང་ཡོད་རིགས་ལ་དམིགས་བསལ་ཡོད། དེ་མིན་ཉེ་བའི་གཙུག་ལག་རབ་འབྱམས་པའི་(BA)སློབ་ཐོན་པའམ་དེ་དང་ཚད་མཉམ་གྱི་ལག་འཁྱེར་ཡོད་པ་ཞིག་དགོས།
༢། དབྱིན་བོད་གཉིས་ཀྱི་ཤེས་ཚད་རང་སྐྱ་འཕེར་བ།
༣། གློག་ཀླད་ཀྱི་ཤེས་ཚད་གང་ལེགས་ཡོད་པ།
༤། ཁྲིམས་ཐོག་ནས་ནག་ཉེས་རིགས་མེད་པ།
ག༽ དགོས་ངེས་ཡིག་ཆ།
༡།ཞུ་སྙན་དང་སོ་སོའི་ངོ་སྤྲོད་སྙིང་བསྡུས།
༢། དག་མཆན་འཁོད་པའི་སློབ་ཐོན་ལག་འཁྱེར་དང་། ཤེས་ཚད་ལག་འཁྱེར་ཨང་ཤོག་(Degree Certificate & Marks Sheet) བཅས་ཀྱི་ངོ་བཤུས།
༣། སྤྱི་སྒེར་སྡེ་ཚན་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ། སྡེ་ཚན་དེའི་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
༤། ཚད་ལྡན་རྒྱ་བོད་སྨན་ཁང་གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།
༥། བོད་རིགས་ཡིན་ཚེ་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས་དག་མཆན་འཁོད་པ།
ང༽ ཕོགས་རིམ།
༡། ཟླ་རེར་གླ་ཕོགས་ཧིན་སྒོར་ ༡༧༥༠༠།༠༠ རེ་འཐོབ་རྒྱུ།
༢། ཁང་དོད་དང་སྨན་དོད་སོགས་སྒྲིག་གསལ་ལྟར་འཐོབ་རྒྱུ།
ཅ༽ རྒྱུགས་གཞི།
ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ།
ལྔ་པ། གཟེངས་རྟགས་དོ་དམ་པ་གཅིག
ཀ༽ ལས་འགན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་འཕྲིན་མཚོན་པའི་ཐང་ཀ་དང་། ཕྱི་ནང་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་འདྲ་མིན་གྱིས་༸མགོན་པོ་མཆོག་ལ་ཕུལ་བའི་ཆེ་བསྟོད་གཟེངས་རྟགས་དང་། ངོས་འཛིན་ཕྱག་འཁྱེར་རྣམས་དེང་དུས་ཚན་རིག་དང་མཐུན་པའི་ཐོག་ནས་དོ་དམ་བདག་གཉེར་དང་སྒྲིག་གཤོམ། དེ་བཞིན་གཟེངས་རྟགས་དང་ཕྱག་འཁྱེར་རྣམས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་འགྲེལ་བཤད། དེ་འབྲེལ་གནས་ཚུལ་རིགས་མཁོ་སྒྲུབ་ཀྱིས་རྒྱུས་མངའ་ཤེས་རྟོགས་དང་ངོ་སྤྲོད་གནང་རྒྱུ།
ཁ༽ འོས་ཆོས་ཆ་རྐྱེན།
༡། ཚད་ལྡན་མཐོ་སློབ་ཁང་ཞིག་ནས་གཙུག་ལག་རབ་འབྱམས་པའི་(MA)སློབ་ཐོན་ཐོག་གཟེངས་རྟགས་བདག་གཉེར་གྱི་ཉམས་མྱོང་དང་སློབ་སྦྱོང་ཡོད་པ་ཞིག་དགོས།
༢། དབྱིན་བོད་གཉིས་ཀྱི་ཤེས་ཚད་རང་སྐྱ་འཕེར་བ།
༣། གློག་ཀླད་ཀྱི་ཤེས་ཚད་གང་ལེགས་ཡོད་པ།
༤། ཁྲིམས་ཐོག་ནས་ནག་ཉེས་རིགས་མེད་པ།
༥། འབྲེལ་མཐུད་ཀྱི་འཇོན་ཐང་ལེགས་པོ་ཡོད་པ།
ག༽ དགོས་ངེས་ཡིག་ཆ།
༡།ཞུ་སྙན་དང་སོ་སོའི་ངོ་སྤྲོད་སྙིང་བསྡུས།
༢། དག་མཆན་འཁོད་པའི་སློབ་ཐོན་ལག་འཁྱེར་དང་། ཤེས་ཚད་ལག་འཁྱེར་ཨང་ཤོག་(Degree Certificate & Marks Sheet) བཅས་ཀྱི་ངོ་བཤུས།
༣། སྤྱི་སྒེར་སྡེ་ཚན་གང་རུང་གི་དཔེ་མཛོད་ཁང་དུ་ལས་ཀ་བྱེད་མུས་ཡིན་ཚེ། སྡེ་ཚན་དེའི་འགན་འཛིན་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
༤། ཚད་ལྡན་རྒྱ་བོད་སྨན་ཁང་གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།
༥། བོད་རིགས་ཡིན་ཚེ་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས་དག་མཆན་འཁོད་པ།
ང༽ ཕོགས་རིམ།
༡། ཟླ་རེར་གླ་ཕོགས་ཧིན་སྒོར་ ༡༨༠༠༠།༠༠ ཐམ་པ་རེ་འཐོབ་རྒྱུ།
༢། ཁང་དོད་དང་སྨན་དོད་སོགས་སྒྲིག་གསལ་ལྟར་འཐོབ་རྒྱུ།
ཅ༽ རྒྱུགས་གཞི།
ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ།
འཚང་སྙན་འབུལ་ཕྱོགས།
སོ་སོའི་འཚང་སྙན་དང་དགོས་ངེས་ཡིག་ཆ་ཁག་གློག་འཕྲིན་ཁ་བྱང་scholarship@dalailama.com ཐོག་བསྐུར་ཆོག་རྒྱུའམ་ཡང་ན་སྦྲག་བརྒྱུད་གཤམ་གསལ་ཁ་བྱང་ཐོག་བསྐུར་གནང་ཡོང་བ།
འཚང་སྙན་འབུལ་དུས་མཐའ་མ། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣༠ ཡིན།
འཚང་སྙན་དང་དགོས་ངེས་ཡིག་ཆ་ཁག་གཏོང་ཡུལ།
The Secretary
The Dalai Lama Trust
Theckchen Choeling
Mcleod Ganj-176219
Distt. Kangra
H.P.